བོད་རིག་པའི་གྲོས་ཚོགས་སྐབས་༡༥ །།
The 15th Seminar of the International Association for Tibetan Studies
Registration Instructions
བོད་སྐད་འོག་ཏུ་གསལ།
Please study the following instructions carefully before completing the form found in the Registration page (https://iats2019.sciencesconf.org/registration/index ). We regret that the registration form is available only in English and in French, but hope that the complete instructions in Tibetan provided below will enable Tibetan users to register without difficulty.
Important Information
Note that information regarding accommodations and optional excursions will be found in the pages ‘Accommodations’ (https://iats2019.sciencesconf.org/resource/page/id/6 ) and ‘Excursions’ (https://iats2019.sciencesconf.org/resource/page/id/7) which must be consulted separately from the registration process.
To Register:
- After logging into https://iats2019.sciencesconf.org using the login name and password you have already created, go the page labelled ‘Registration’ (https://iats2019.sciencesconf.org/registration/index ).
- You will find that your ‘Email address’, ‘Login’, ‘Lastname’, and ‘Firstname’ are automatically inserted. Please do not make any changes, but contact us (iats2019@sciencesconf.org) if this information appears to be incorrect.
- For the ‘Default Language’ you may select either English or French.
- Please provide your ‘Phone number’, including the country code (for example +86 for China, +91 for India, etc.)
- In ‘Institution’, please provide the University or Research Center with which you are affiliated, or the name of your place of work. If these do not apply, please enter ‘Independent Researcher’.
- In ‘Mailing address’, enter the accurate and full postal address that is best to use if documents must be sent to you by mail.
- Select the ‘Country’ that is appropriate.
- Under the question ‘Are you a student?’ please select the appropriate response.
- Are you a member of the IATS? Answer ‘yes’ if you have already participated in the program of two or more IATS seminars.
- If not, have you participated in the program of one previous IATS seminar?
- If you have answered ‘yes’ to either of these questions, you should have received a IATS registration number in connection with your participation in Ulan Bator (2013) or Bergen (2016). Please enter that number if you know it; otherwise, you may leave the space blank.
- Answer the question ‘Are you able to make your payment using Paybox?’ (Paybox allows you to use many methods of payment, including all major credit cards). Paybox is the default mode of payment for IATS 2019.
- If you are unable to use Paybox, please explain the reason in the space ‘Explanation’. We will only permit deferrals of payment for those cannot make use of Paybox at all, for example, if they live in a region in which online financial operations are particularly restricted.
- Choose the appropriate payment category:
Regular fee / late fee: The regular registration fee for both participants and observers, payable until 15 January 2019, is three hundred (300) euros. After 15 January 2019 and until 15 April 2019 it will still be possible to register, but at the late fee of three hundred and thirty (330) euros..
Student fee: Student participants may register until 15 January 2019 at the student fee of two hundred and fifty (250) euros, or the student late fee of two hundred and eighty (280) euros from 15 January 2019 until 15 April 2019.
Summary of fees:
Date of payment:
|
Before 15 January 2019
|
15 January-15 April 2019
|
Regular
|
300 €
|
330 €
|
Student
|
250 €
|
280 €
|
Deferred payment or Deferred payment - student: Those for whom it is impossible to use the Paybox system to pay their registration fee on line by 15 April 2019 are asked to select “deferred payment” or “deferred payment - student.” Deferrals will only be granted to those who demonstrate clear reasons for not being able to use the Paybox system. Deferred payments will be made in cash at the registration desk at the opening of the IATS in July.
Note that deferrals applied for by 15 January 2019 will pay the regular fee (300 €) or student fee (250 €) on arrival, if granted, and those applying for the deferral after 15 January and before 15 April 2019 will be subject to the late fee.
After you have completed the form, select ‘Overview’ and review the information you have provided. If you need to correct anything, select ‘modify your data’.
When you are satisfied that your information is correct, select ‘Submit’.
We will inform you if your registration application is accepted or, if not, what modifications are required. When your registration application is accepted, you will be able to make your payment (unless we have accepted a deferred payment in your case) and your registration will then be complete.
It is essential to note that those who have not registered for the IATS by 15 April 2019 will be considered to have withdrawn and will no longer be permitted to participate.
The payment of all registration fees is final. Refunds cannot be issued.
བོད་རིག་པའི་གྲོས་ཚོགས་སྐབས་ ༡༥ །།
ཐོ་འགོད་བཀོད་བྱུས།།
མཁྱེན་ལྡན་པ་རྣམས་ལ་ཞུ་རྒྱུར་དྲྭ་ཐོག་ནས་ཐོ་འགོད་འགེང་ཤོག་མ་བཀང་སྔོན་གཤམ་གྱི་ཐོ་འགོད་བྱ་ལུགས་ཀྱི་ལམ་སྟོན་གང་ཞུས་པ་རྣམས་ལ་ལེགས་པར་གཟིགས་རོགས་གནང་།
(དྲྭ་ཐག – https://iats2019.sciencesconf.org/registration/index ) དགོངས་སེལ་ཞུ་རྒྱུ་ཞིག་ལ་ཐོ་འགོད་འགེང་ཤོག་དེ་དབྱིན་སྐད་དང་ཧྥ་སྐད་ནང་མ་གཏོགས་མེད། འོན་ཀྱང་། གཤམ་གསལ་བོད་ཡིག་ཐོག་ཡོད་པའི་ཐོ་འགོད་ལམ་སྟོན་ལྷན་ཐབས་དེ་རྒྱུད་ནས་བོད་རིགས་མཁྱེན་ལྡན་པ་རྣམས་ལ་ཐོ་འགོད་བདེ་བླགས་ངང་བྱ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། །
གནས་ཚུལ་གལ་ཆེན།
སྐུ་ཉིད་ནས་མཁྱེན་རྟོགས་དགོས་རྒྱུར་བཞུགས་གནས་དང་དེ་བཞིན་སྤྲོ་གསེང་གཟིགས་སྐོར་དང་འབྲེལ་ཡོད་ཀྱི་གནས་ཚུལ་རྣམས་ ( བཞུགས་གནས། = Accommodation https://iats2019.sciencesconf.org/resource/page/id/6 ) དང་ ( སྤྲོ་གསེང་གཟིགས་སྐོར། = Excursions https://iats2019.sciencesconf.org/resource/page/id/7 ) ཚན་པ་གཉིས་ཀྱི་ནང་རྙེད་ཐུབ། ཚན་པ་དེ་གཉིས་ནི་ཐོ་འགོད་ཀྱི་རྒྱུད་རིམ་ལས་ལོག་སུ་གཟིགས་དགོས།
ཐོ་འགོད་བྱ་ལུགས།
- ཐོ་འགོད་དྲྭ་ཚིགས་ https://iats2019.sciencesconf.org ནང་རང་གི་དྲྭ་བྱང་དང་གསང་ཚིག་བརྒྱབ་ནས་ནང་འཛུལ་ཞུས་རྗེས་ (ཐོ་འགོད་ = Registration https://iats2019.sciencesconf.org/registration/index ) ཟེར་བའི་ཚན་པ་དེའི་ནང་འཛུལ་དགོས།
- དྲྭ་ངོས་དེའི་ནང་གི་འགེང་ཤོག་ནང་སྐུ་ཉིད་ཀྱི་ "གློག་འཕྲིན་ཁ་བྱང་།" "ཐོ་ཞུགས།" "ཁྱིམ་མིང་།" "རང་མིང་།" བཅས་སྔོན་ཚུད་ནས་བཀོད་ཟིན་སྟབས། དེའི་ཐད་ལ་འགྱུར་བ་རྩ་ནས་མ་གཏང་རོགས་གནང། ཅི་སྟེ། དེར་འཁོད་གནས་ཚུལ་ལ་ནོར་འཁྲུལ་ཤོར་ཡོད་ཚེ། ངེད་ཚོར་གློག་འཕྲིན་ iats2019@sciencesconf.org རྒྱུད་ཐད་ཀར་ཡིག་འབྲེལ་གནང་རོགས།
- དྲྭ་ཚིགས་ཀྱི་གཏན་འབེབས་བྱས་ཟིན་པའི་སྐད་ཡིག་ནི་དབྱིན་སྐད་དང་ཧྥ་སྐད་ཡིན་པས། དེ་གཉིས་གང་རུང་ཞིག་གདམ་ཆོག
- འགེང་ཤོག་ནང་སྐུ་ཉིད་ཀྱི་ཁ་པར་ཨང་གྲངས་དང་རྒྱལ་ཁབ་ཀྱི་ཨང་རྟགས་འཇུག་དགོས། ༼ དཔེར་ན། རྒྱ་ནག་གི་ཨང་རྟགས + 86 དང་། རྒྱ་གར་གྱི་ཨང་རྟགས་ + 91 ལ་སོགས། ༽
- ༼ཚོགས་སྡེ། = Institution ༽ ཟེར་བའི་ཚན་པ་དེའི་ནང་སྐུ་ཉིད་ཀྱི་སློབ་སྦྱོང་གནང་ཡུལ་གྱི་མཐོ་སློབ་བམ། ཡང་ན་ཞིབ་འཇུག་གནང་ཡུལ་གྱི་ལྟེ་གནས་ཁང་། དེ་མིན་ཕྱག་ལས་གནང་ཡུལ་གྱི་ལས་ཁུངས་ཀྱི་མཚན་བཀོད་དགོས། གལ་ཏེ་སྡེ་ཚན་དེ་དག་གི་ནང་ལའང་ཚུད་ཀྱི་མེད་ན། ༼རང་དབང་ཅན་གྱི་ཞིབ་འཇུག་པ། = Independent Researcher ༽ ཞེས་པ་དེ་བཀོད་དགོས།
- ༼ བཞུགས་ཡུལ་ཁ་བྱང་། = Mailing address༽ཞེས་པ་དེའི་ནང་སྐུ་ཉིད་ཀྱི་བཞུགས་ཡུལ་ཁ་བྱང་ཆ་ཚང་ནོར་འཁྲུལ་མེད་པར་བཀོད་དགོས། ཅི་སྟེ། སྦྲགས་ཐོག་ནས་ཡིག་ཆ་བསྐུར་དགོས་པ་བྱུང་ཚེ་དེ་གལ་ཆེན་ཡིན།
- སྐུ་ཉིད་ཀྱི་ ༼རྒྱལ་ཁབ། = Country ༽ གང་ཡིན་པ་འཁྲུལ་མེད་བཀོད་དགོས།
- ༼ ཁྱེད་སློབ་ཕྲུག་ཡིན་ནམ། = Are you student?༽ ཞེས་པའི་དྲི་བ་དེར་འོས་འཚམ་གྱི་ལན་འདེབས་དགོས། ཡིན་ན་སློབ་གྲའི་མིང་དེའི་འིག་ཏུ་བྲིས་དགོས།
- Are you a member of the IATS? = སྐུ་ཉིད་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི་ཡིན་ནམ། (ཚོགས་མི་ཡིན་ན་སྔར་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ལ་ཐེངས་གཉིས་ཞུགས་མྱོང་ཚར་བ་ཡིན།)
- གལ་སྲིད་སྐུ་ཉིད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི་མིན་ན། སྔོན་ཆད་བོད་རིག་པའི་བགྲོ་གླེང་ཚོགས་འདུར་ཞུགས་མྱོང་ཡོད་དམ།
- གལ་ཏེ་ཡིན་ཚེ། ཚོགས་མིའམ་ཨང་སྔོན་ཆད་བོད་རིག་པའི་བགྲོ་གླེང་ཚོགས་འདུར་ཞུགས་པའི་གྲངས་དྲན་པར་ཡོད་ན་འདིར་བཀོད་རོགས་གནང།
- ༼Paybox = སྤྲོད་སྒམ། ༽ Are you able to make your payment using Paybox ? སྤྲོད་སྒམ་བེད་སྤྱད་ནས་སྐུ་ཉིད་ཀྱི་འགྲོ་གྲོན་སྤྲོད་འཇལ་ཐུབ་ཀྱི་ཡོད་དམ། ཞེས་པའི་དྲི་བ་དེར་ལན་ཁ་གསལ་འདེབས་དགོས། ༼Paybox ཟེར་བ་དེ་རྒྱུད་ནས་དངུལ་ཁང་གི་བྱང་བུ་ (credit card) ཆེ་ཁག་ཙམ་མིན་པར་རྣམ་པ་འདྲ་མིན་གྱི་ཐོག་ནས་དངུལ་སྤྲོད་འཇལ་བྱ་ཐུབ།༽ (Paybox) སྤྲོད་སྒམ་ནི་ཕྱི་ལོ་ ༢༠༡༩ ལོའི་བོད་རིག་པའི་བགྲོ་གླེང་ཚོགས་འདུས་གཏན་འབེབ་བྱས་པའི་དངུལ་སྤྲོད་ལེན་གྱི་ཡོ་བྱད་ཅིག་ཡིན།
- གལ་ཏེ་སྐུ་ཉིད་ (Paybox) སྤྲོད་སྒམ་བེད་སྤྱོད་གཏོང་ཐུབ་ཀྱི་མེད་ན། ༼ འགྲེལ་བརྗོད། = Explanation ༽ ཞེས་པའི་ཚན་པ་དེའི་ནང་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་ཁ་གསལ་རྒྱག་དགོས། དྲྭ་ཐོག་ནས་དངུལ་སྤྲོད་ལེན་ལ་དམིགས་བསལ་གྱི་བཀག་འདོམས་ནན་པོ་ཡོད་པའི་ས་ཁུལ་ཁག་ལ་གནས་སྡོད་བྱེད་མཁན་གྱི་ཚོགས་བཅར་བ་ཚོར་ཚོགས་དོད་སྤྲོད་རྒྱུའི་ཐད་དུས་བཀག་ལས་ཕྱིར་འགྱངས་ཞུ་རྒྱུ་ཡིན།
- དངུལ་སྤྲོད་ལུགས་ཇི་ཡིན་གསལ་པོ་བཀོད་དགོས།
ཐུན་མོང་གི་ཚོགས་དོད། རྗེས་ལུས་ཀྱི་ཚོགས་དོད། ཚོགས་བཅར་བ་དང་ཟུར་ཉན་པ་སུ་འདྲ་ཞིག་ཡིན་རུང། ཕྱི་ལོ་ ༢༠༡༩ ལོའི་ཟླ་དང་པོའི་ཚེས་ ༡༥ ནང་ཚུད་ལ་ཚོགས་དོད་སྤྲད་ཟིན་ན་མི་རེར་ཡུ་སྒོར་སུམ་བརྒྱ་རེ་ཐོབ་ཀྱི་ཡོད། དེ་ནི་ཐུན་མོང་གི་ཚོགས་དོད་ཡིན། ཕྱི་ལོ་ ༢༠༡༩ ལོའི་ཟླ་དང་པོའི་ཚེས་ ༡༥ རྗེས་ནས་ཕྱི་ཟླ་བཞི་པའི་ཚེས་ ༡༥ བར་ད་དུང་ཐོ་འགོད་བྱ་རྒྱུ་གོ་སྐབས་ཡོད་རུང་། མི་རེར་ཡུ་སྒོར་ ༣༣༠ རེ་ཐོབ་ཀྱི་ཡོད། དེ་ནི་རྗེས་ལུས་ཀྱི་ཚོགས་དོད་ཡིན།
སློབ་ཕྲུག་གི་ཚོགས་དོད།ཚོགས་བཅར་བ་སློབ་ཕྲུག་ཅིག་ཡིན་ན། ཕྱི་ལོ་ ༢༠༡༩ ལོའི་ཟླ་དང་པོའི་ཚེས་ ༡༥ ནང་ཚུད་ལ་ཐོ་འགོད་བྱས་ཚེ། མི་རེར་ཚོགས་དོད་ཡུ་སྒོར་ ༢༥༠ རེ་ཐོབ་ཀྱི་ཡོད། དེ་ནི་སློབ་ཕྲུག་གི་ཚོགས་དོད་ཡིན། དེ་མིན་ཚོགས་བཅར་བ་སློབ་ཕྲུག་ཅིག་གིས་ཕྱི་ཟླ་དང་པོའི་ཚེས་ ༡༥ ནས་ཕྱི་ཟླ་བཞི་པའི་ཚེས་ ༡༥ ནང་ཚུད་ལ་ཐོ་འགོད་བྱས་ཚེ། མི་རེར་ཡུ་སྒོར་ ༢༨༠ རེ་ཐོབ་ཀྱི་ཡོད།
ཚོགས་དོད་ཀྱི་ཕྱོགས་བསྡོམས།
ཚོགས་དོད་སྤྲོད་ཚེས།
|
ཟླ་ ༡ ཚེས་ ༡༥ སྔོན།
|
ཟླ་ ༡ ཚེས་ ༡༥ ནས་ཟླ་༤ ཚེས་ ༡༥ བར།
|
ཐུན་མོང་།
|
༣༠༠
|
༣༣༠
|
སློབ་ཕྲུག
|
༢༥༠
|
༢༨༠
|
ཚོགས་དོད་ཕྱིར་འགྱངས། ཡང་ན། སློབ་ཕྲུག་གི་ཚོགས་དོད་ཕྱིར་འགྱངས། ཕྱི་ལོ་ ༢༠༡༩ ཟླ་བཞི་པའི་ཚེས་ ༡༥ སྔོན་དྲྭ་ཐོག་ནས་ (Paybox) སྤྲོད་སྒམ་རྒྱུད་ཚོགས་དོད་སྤྲོད་ཐབས་རྩ་བ་ནས་མེད་པའི་ཚོགས་བཅར་བ་ཚོས་ ༼deferred payment = དངུལ་སྤྲོད་ཕྱིར་འགྱངས་ སམ། deferred payment – student = སློབ་ཕྲུག་གི་དངུལ་སྤྲོད་ཕྱིར་འགྱངས།༽ ཟེར་བའི་ཚན་པ་དེ་གདམ་དགོས། དྲྭ་ཐོག་ནས་ (Paybox) སྤྲོད་སྒམ་བེད་སྤྱོད་བཏང་ནས་ཚོགས་དོད་སྤྲོད་མི་ཐུབ་པའི་རྒྱུ་མཚན་ཡང་དག་ཡོད་ཚེ། ཚོགས་དོད་སྤྲོད་རྒྱུར་ཕྱིར་འགྱངས་བྱ་རྒྱུའི་མཆོག་མཆན་གནང་རྒྱུ་ཡིན། ཕྱིར་འགྱངས་མཆོག་མཆན་ཐོབ་པའི་ཚོགས་མི་ཚོས་འབྱོར་ཐོ་འགོད་པའི་ཉིན་དེར་དངུལ་ལོར་ཐོག་ནས་ཚོགས་དོད་འཇལ་ན་འགྲིག ཕྱིར་འགྱངས་ཀྱི་མཆོག་མཆན་ཞུ་རྒྱུ་དེ་ཕྱི་ཟླ་དང་པོའི་ཚེས་ ༡༥ སྔོན་ལ་ཕུལ་ཟིན་ན་ཚོགས་དོད་ཡུ་སྒོར་ ༣༠༠ དང་སློབ་ཕྲུག་ཚོར་ཡུ་སྒོར་ ༢༥༠ ཡིན། ཅི་སྟེ། ཟླ་ ༡ ཚེས་ ༡༥ ནས་ཟླ་༤ ཚེས་ ༡༥ བར་ལ་ཕྱིར་འགྱངས་ཀྱི་མཆོག་མཆན་ཞུས་ཚེ། ཐོ་འགོད་རྗེས་ལུས་ཤོར་བའི་ཉེས་པ་སྤྲོད་དགོས།
འགེང་ཤོག་བཀང་ཚར་རྗེས། ༼ Overview = ལྟ་ཞིབ། ༽ ཟེར་བ་དེ་བདམས་ནས་དེར་འཁོད་གནས་ཚུལ་རྣམས་འགྲིག་མིན་བསྐྱར་ཞིབ་བྱ་དགོས། གལ་ཏེ་ནོར་འཁྲུལ་ཡོད་ཚེ་ ༼ Modify your data = རང་གི་ཐོ་ཚིག་བཟོ་བཅོས། ༽ ཞེས་པ་བདམས་ནས་བཟོ་བཅོས་བརྒྱབ་ཐུབ།
གལ་ཏེ་ཁྱེད་ཀྱིས་ཡར་འཇུག་བྱས་པའི་གནས་ཚུལ་དེ་དག་ནོར་འཛོལ་མེད་པར་དགོངས་ནས་ཐུགས་བློ་ཁེངས་ན།
༼ Submit = དེབ་སྐྱེལ། ༽ ཅེས་པ་བདམ་དགོས།
སྐུ་ཉིད་ཀྱི་ཐོ་འགོད་སྙན་ཞུ་དང་ལེན་ཞུས་མིན་དང་། དེ་མིན་བཟོ་བཅོས་བྱ་དགོས་པའི་རིགས་ཡོད་མིན་ཐད་བརྡ་ལན་ཞིག་ང་ཚོས་གང་མགྱོགས་འབུལ་རྒྱུ་ཡིན། སྐུ་ཉིད་ཀྱི་ཐོ་འགོད་སྙན་ཞུར་དང་ལེན་བྱུང་ཚེ། ཚོགས་དོད་མྱུར་དུ་སྤྲོད་ཐུབ། དེ་ལྟར་༼གལ་ཏེ་ཁྱེད་ལ་ཚོགས་དོད་སྤྲོད་རྒྱུར་ཕྱིར་འགྱངས་བྱ་དགོས་པའི་དཀའ་ངལ་མེད་ཚེ།༽ ཁྱེད་ཀྱི་ཐོ་འགོད་ལེགས་འགྲུབ་བྱུང་བ་ཡིན།
ཐུགས་སྣང་གསལ་པོ་དགོས་པ་ཞིག་ལ། ཕྱི་ལོ་ ༢༠༡༩ ལོའི་ཟླ་བཞི་པའི་ཚེས་ ༡༥ ནང་ཚུད་ལ་ཐོ་འགོད་མ་བྱས་ཚེ། སྐུ་ཉིད་ཕྱིར་ཐེན་བྱས་པར་ངོས་འཛིན་བྱ་རྒྱུ་དང་། ཐེངས་འདིར་ཚོགས་བཞུགས་བྱེད་པའི་ཐོབ་ཐང་བྲལ་བ་ཡིན།།
ཚོགས་དོད་ལན་གཅིག་སྤྲད་ཚར་རྗེས་སླར་ཕྱིར་སློག་རྩ་བ་ནས་བྱ་རྒྱུ་མེད།
གལ་སྲིད་ལམ་ཁྲིད་བཀའ་སློབ་སྐོར་ལ་བཀའ་དྲི་ཞུ་དོན་ཡོད་ན་
iats2019-rokpa@sciencesconf.orgལ་གློག་འཕྲིན་གནང་རོགས་ཞུ།།