IATS_Paris_accommodation_1.docx
བོད་རིག་པའི་གྲོས་ཚོགས་སྐབས་༡༥།།
The 15th Seminar of the International Association for Tibetan Studies
Accommodations in Paris
བོད་སྐད་འོག་ཏུ་གསལ།
Participants and observers at the 15th Seminar of the IATS are responsible for arranging and paying for their own accommodations. Because summer in Paris is the high season for tourism, it is essential that you make your reservations well in advance. Here are some of our recommendations for accommodations near to the INALCO (65 Rue des Grands Moulins, Paris 13th district), where the Seminar of the IATS will be held.
For inexpensive lodging, we recommend the CIS (International Visitors’ Center), which offers a variety of simple, affordably priced rooms.The price for a single room is now 56 euros per night, breakfast included. Shared rooms will of course be less expensive for each person. In your correspondence with the CIS, please mention that you are a participant in the seminar of the International Association for Tibetan Studies. Please write directly to iats2019.accomodation@laligue.org, with the indication that you are coming for IATS 2019. Many rooms are still available.
The CIS in fact has three locations:
Hotel CIS Paris Kellermann https://www.hotel-cis-paris-kellermann.com/fr is closest to the INALCO and most convenient. On Sunday, 7 July, we will have our registration table there and will offer an arrival reception.
Hotel CIS Paris Ravel https://www.hotel-cis-paris-ravel.com/fr is in Paris’s 12th district, further away from the INALCO, but still conveniently located near the T3a tramway line that is easy to use for rapid transport both to the INALCO and the Hotel CIS Kellermann. (And the tramway stop near the Hotel CIS Ravel is called ‘Alexandra David-Neel’!)
The third CIS location, in Saint-Ouen, is not conveniently situated and we therefore do not recommend it for IATS participants.
Space at the CIS hotels is limited, so please make your reservation quickly! Participants from Tibetan regions who are unable to use the online reservation system should contact us so that we can attempt to make reservations on your behalf.
For hotels close to the INALCO, you may search in Google with the words ‘paris 13 grands moulins hotels’, which will produce this map:
The INALCO is labelled here as the ‘Language School’, with the prices at the closest hotels shown in blue boxes.
Often you will find better rates by consulting sites such as booking.com than you will if you reserve with the hotels directly. A variety of sites (Homeaway, Airbnb, etc.) also offer apartments for rent. We suggest that you try to find something close to the INALCO in any case, or at least in proximity to the T3a Tramway or Metro line 14. The nearest metro and RER (suburban train) station to INALCO is Bibliothèque François Mitterrand (Line 14 or RER C) and the tram line 3a station is Avenue de France.
There are also a number of very inexpensive youth hostels in Paris offering dormitory style accommodations for around 25 euros per night. The nearest to the INALCO is:
Maison M Paris
1 Avenue d'Ivry, 13e arr.
+33 7 63 56 53 97
https://www.booking.com/hotel/fr/maison-m-paris.fr.html
བོད་རིག་པའི་གྲོས་ཚོགས་སྐབས་ ༡༥ །།
The 15th Seminar of the International Association for Tibetan Studies
པཱ་རི་སིར་བཞུགས་གནས།
སྐབས་བཅོ་ལྔ་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་མཁན་གྱི་ཚོགས་བཅར་བ་དང་། ཟུར་ཉན་པ་ཚང་མས་རང་ཉིད་ཀྱི་སྡོད་གནས་གོ་སྒྲིག་དང་དེའི་འགྲོ་གྲོན་རྣམས་རང་འགན་རང་འཁུར་གནང་དགོས། དབྱར་དུས་སུ་པཱ་རི་སི་ལ་ཡུལ་སྐོར་དུ་ཕེབས་མཁན་ཧ་ཅང་མང་པོ་ཡོད་སྟབས། སྔོན་ཚུད་ནས་སྡོད་ཁང་གྲ་སྒྲིག་གནང་རྒྱུ་ཧ་ཅང་གལ་ཆེ། འདི་ག་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཁྱེད་རྣམས་ལ་འོས་སྦྱོར་བྱ་རྒྱུའི་མགྲོན་ཁང་ཁག་ཅིག་ཡོད་པ་དེ་དག་ནི་བགྲོ་གླེང་ཚོགས་ཡུལ་ཤར་ཕྱོགས་སྐད་ཡིག་སློབ་ཆེན་ (INALCO,
65 Rue des Grands Moulins, Paris 13th district)གི་ཉེ་འཁོར་ལ་ཡོད་པ་ཤ་སྟག་ཡིན།
མགྲོན་ཁང་གི་རིན་གོང་ཁེ་པོ་དགོས་ཚེ། རྒྱལ་སྤྱིའི་འགྲུལ་པའི་ལྟེ་གནས་ (CIS : International Visitors’ Center)
ཞེས་པའི་ཚོགས་པ་དེས་རིན་གོང་འཚམས་ལ་ཆེ་ཆུང་འདྲ་མིན་ཡོད་པའི་སྡོད་གནས་མཁོ་སྤྲོད་གནང་གི་ཡོད། ཁོང་ཚོའི་དྲྭ་ཚིགས་ནི་ http://www.cisp.fr/cisp/default.aspx རེད། ཁང་མིག་གཅིག་ལ་མཚན་རེར་ཡུ་སྒོར་ ༥༦ ཡིན་པ་དང་། ཞོགས་ཟས་ཀྱང་མཉམ་དུ་ཚུད་ཡོད། གལ་ཏེ་མི་གཉིས་གསུམ་སོགས་མཉམ་དུ་ཁང་མིག་གཅིག་བླང་ཚེ་རིན་གོང་ཆུང་བ་ཡོད་པ་ནི་སྨོས་མེད་རེད། སྐུ་ཉིད་ནས་ཚོགས་པ་དེར་འབྲེལ་བ་གནང་ཚེ། ངེས་པར་དུ་ཁྱེད་རང་བོད་རིག་པའི་བགྲོ་གླེང་ཚོགས་འདུའི་ཚོགས་བཅར་བ་ཡིན་པ་དེ་གསལ་ཁ་སྟོན་གནང་རོགས།
དོན་དངོས་ཐོག་ ( CIS ) ཚོགས་པ་དེར་གནས་ཡུལ་མི་འདྲ་བའི་མགྲོན་ཁང་ཁག་གསུམ་ཡོད།
༡༽ པཱ་རི་སི་ས་ཁུལ་ ༡༣ ནང་གནས་པའི་མགྲོན་ཁང་ཁེ་ལེགས་མཱན་(Kellermann : https://www.hotel-cis-paris-kellermann.com/fr) ནི་བགྲོ་གླེང་ཚོགས་ཡུལ་དང་ཐག་ཉེ་ཤོས་ཡིན་པ་མ་ཟད། ཕྱི་ཟླ་བདུན་པའི་ཚེས ༧ ། རེས་གཟའ་ཉི་མའི་ཉིན་ཚོགས་བཅར་བ་རྣམས་ཐོ་འགོད་བྱ་ཡུལ་དང་། ཕེབས་བསུའི་མཛད་སྒོ་འཚོགས་ཡུལ་ཡང་ཡིན།
༢༽ པཱ་རི་སི་ས་ཁུལ་ ༡༢ ནང་གནས་པའི་མགྲོན་ཁང་རཱ་ཝལ་ (Ravel : https://www.hotel-cis-paris-ravel.com/fr )ནི་བགྲོ་གླེང་འཚོགས་ཡུལ་དང་ཐག་ཅུང་ཙམ་རིང་བ་ཡོད་རུང་། ཏྲམ་འཁོར། (Tramway) T3a ཡོད་སྟབས། བགྲོ་གླེང་འཚོགས་ཡུལ་ཤར་ཕྱོགས་སྐད་ཡིག་སློབ་ཆེན་དང་དེ་བཞིན་མགྲོན་ཁང་ཁེ་ལེགས་མཱན་བཅས་ལ་འགྲོ་བསྐྱོད་བདེ་པོ་ཡོད། མགྲོན་ཁང་རཱ་ཝལ་གྱི་ཉེ་འགྲམ་ལ་ཡོད་པའི་ཏྲམ་འཁོར་ (Tramway)གྱི་འབབ་ཚུགས་ཀྱི་མིང་ལ་ ( Alexandra David-Neel )ཨ་ལེག་ཛན་གྲར། ད་ཝི་ཊ ནིལ་ཞེས་ཟེར།
༣ མགྲོན་ཁང་གསུམ་པ་དེ་ནི་སཱན་ཁུན་ལ་ཡོད་པ་དང་། འགྲོ་སྤྱོད་བདེ་པོ་མེད་སྟབས་ཁྱེད་ཚོར་འོས་སྦྱོར་ཞུ་རྒྱུ་མིན།
རྒྱལ་སྤྱིའི་འགྲུལ་པའི་ལྟེ་གནས་ ( CIS) ལ་ཁང་མིག་ངེས་ཅན་ཞིག་ལས་མེད་པས་གང་མགྱོགས་རང་གི་སྡོད་ཁང་མངགས་ཉར་གནང་རོགས་ཞུ་རྒྱུ་ཡིན། བོད་ནས་ཕེབས་པའི་ཚོགས་བཅར་བ་རྣམས་དྲྭ་ཐོག་ནས་ཁང་པ་མངགས་ཉར་བྱ་མི་ཐུབ་ཚེ། ང་ཚོར་འབྲེལ་བ་གནང་ན་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཁྱེད་ཀྱི་མཚན་ཐོག་ནས་མགྲོན་ཁང་མངགས་ཉོ་བྱ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།
གལ་སྲིད་ལམ་ཁྲིད་བཀའ་སློབ་སྐོར་ལ་བཀའ་དྲི་ཞུ་དོན་ཡོད་ན་
iats2019-rokpa@sciencesconf.orgལ་གློག་འཕྲིན་གནང་རོགས་ཞུ།།
འཚོལ་བཤེར་དྲྭ་ཚིགས་གུ་གྷལ་ནང་ཤར་ཕྱོགས་སྐད་ཡིག་སློབ་ཆེན་གྱི་ཉེ་འགྲམ་ལ་མགྲོན་བཙལ་ན་(Paris 13 grands moulins hotels) ཞེས་བྲིས་ན་གཤམ་གྱི་ས་ཁྲ་དེ་རྙེད་ཐུབ།
དེའི་ནང་ཤར་ཕྱོགས་སྐད་ཡིག་སློབ་ཆེན་ནི་ ( Language School ) ཞེས་གསལ་ཡོད་པ་དང་། མགྲོན་ཁང་ཁག་གི་གོང་ཚད་རྣམས་གྲུ་བཞི་སྔོན་པོ་དེ་ནང་འཁོད་ཡོད།
སྤྱིར་བཏང་། མགྲོན་ཁང་མངགས་ཉོ་བྱ་ཡུལ་གྱི་དྲྭ་ཚིགས་ ( booking.com ) སོགས་རྒྱུད་ནས་མགྲོན་ཁང་མངགས་ཉོ་བྱེད་པ་ལས་ཐད་ཀར་མགྲོན་ཁང་རང་ལ་འབྲེལ་བ་བྱས་ན་རིན་གོང་ཁེ་བ་ཡོད། དེ་མིན་ (Homeaway, Airbnb) ལ་སོགས་པའི་དྲ་ཚིགས་དྲ་མིན་ཐོག་ནས་མགྲོན་ཁང་མངགས་ཉོ་བྱ་ཐུབ།
རབ་བྱུང་ན་བགྲོ་གླེང་འཚོགས་ཡུལ་ཤར་ཕྱོགས་སྐད་ཡིག་སློབ་ཆེན་དང་ཐག་ཉེ་ས་ཞིག་དང་། དེ་མིན་ཉུང་མཐར་ཏྲམ་འཁོར་ T3a དང་ཡང་ན། ས་འོག་མེ་འཁོར་ ༡༤ ཡི་ཉེ་འགྲམ་ཞིག་ལ་ཁང་པ་གླ་ཐུབ་ན་བཟང་། ཤར་ཕྱོགས་སྐད་ཡིག་སློབ་ཆེན་དང་ཐག་ཉེ་ཤོས་ཀྱི་མེ་འཁོར་ ( RER C ) དང་ས་འོག་མེ་འཁོར་ ༡༤ ཡི་འབབ་ཚུགས་ནི་ ( Bibliothèque François Mitterrand ) ཡིན་པ་དང་། ཏྲམ་འཁོར་ T3a ཡི་འབབ་ཚུགས་ནི་ ( Avenue de France ) ཡིན།
ཡང་ན་པྰ་རི་སི་ལ་སློབ་ཕྲུག་དོན་གྱི་མགྲོན་ཁང་རིན་གོང་ཤིན་ཏུ་ཁེ་པོ་ཁ་ཤས་ཡོད། ཤར་ཕྱོགས་སྐད་ཡིག་སློབ་ཆེན་ནས་ཐག་ཉེ་ཤོས་ནི་
Maison M Paris
1 Avenue d'Ivry, 13e arr.
+33 7 63 56 53 97
https://www.booking.com/hotel/fr/maison-m-paris.fr.html